སློབ་སྟོན་མཛད་སྒོ།
དུས་ཚོད། : 2016-12-25 རགས་གཟིགས་ཐེངས་གྲངས།:
༢༠༡༦ལོའི་ཟླ་༡༢པའི་ཚེས་༡༦ཉིན་ཕན་བདེ་ཐང་གའི་རིག་གནས་སྒྱུ་རྩལ་བརྗེ་རེས་ལྟེ་གནས་ལོ་འཁོར་དྲུག་ལོན་པའི་སློབ་སྟོན་མཛད་སྒོ་ཟབ་རྒྱས་ངང་ཏུའུ་ཅང་ཡན་ནས་སྤེལ་བ་རེད།
མཛད་སྒོའི་སྟེང་དུ་དགེ་རྒན་ཆེན་མོ་བསྟན་པ་རབ་བརྟན་དང་བརྩོན་འགྲུས་རབ་རྒྱས། ལེགས་སྨོན། སྤྲུལ་སྐུ་ཚེ་རིང་རྡོ་རྗེ། དེ་མིན་བོད་ལྗོངས་ལྷ་རིས་པ་ཆེན་མོ་མིག་དམར་ཚེ་རིང་དང་སྨན་ལྷ་དོན་འགྲུབ། སྤེན་པ་ཚེ་རིང་། བསོད་ནམས་ཚེ་རིང་། དངོས་གྲུབ་སོགས་ཆེད་མཁས་པ་དག་གིས་
《
བོད་ཀྱི་སྲོལ་རྒྱུན་ཐང་གའི་སྒྱུལ་རྩལ་གྱི་རིན་ཐང་དང་རྒྱུན་འཛིན་
》
སྐོར་ལ་རིག་གཞུང་བགྲོ་གླེང་སྤེལ་ཏེ་ཐང་གའི་དངོས་ཡོད་གནས་བབ་དང་མ་འོངས་པའི་འཕེལ་ཕྱོགས་ལ་གསུངས་བཤད་གལ་ཆེན་གནང་།
རིག་གཞུང་བགྲོ་གླེང་མཇུག་བསྡུས་རྗེས་ལྷ་རིས་པ་ཆེད་མཁས་དག་གིས་སྒྱུ་རྩལ་ལྟེ་གནས་ལ་གཟིགས་གནང་དང་ལྷ་རིས་པ་དག་གི་བརྩམས་ཆོས་ལ་མཛུབ་སྟོན་གལ་ཆེན་གནང་། དེ་མིན་དགེ་རྒན་ཆེན་མོ་བསྟན་པ་རབ་བརྟན་དང་ལེགས་སྨོན་ཁོང་རྣམ་པས་ཕན་བདེ་ཐང་གའི་རིག་གནས་སྒྱུ་རྩལ་བརྗེ་རེས་ལྟེ་གནས་ལ་ཕྱག་བྲིས་ཀྱི་དྲན་རྟེན་ཕུལ་བ་རེད།
ཕྱི་དྲོ་ལ་ཕན་བདེ་ཐང་གའི་རིག་གནས་སྒྱུ་རྩལ་བརྗེ་རེས་ལྟེ་གནས་ལོ་འཁོར་དྲུག་ལོན་པའི་སློབ་སྟོན་མཛད་སྒོའི་བྱ་འགུལ་དངོས་སུ་མགོ་བརྩམས་པ་དང་གནས་དེར་མཁས་མཆོག་གི་ཕ་ས་དང་གླུ་གར་གྱི་རྒྱ་མཚོ་རུ་གྱུར།
མཛད་སྒོའི་དགོངས་ཚོགས་མཇུག་བསྡུས་རྗེས་
སྨན་རྙིང་ལུགས་ཀྱི་རྒྱུན་འཛིན་པ་ཆེན་མོ་
མིག་དམར་ཚེ་རིང་དང་སྨན་ལྷ་དོན་འགྲུབ། སྤེན་པ་ཚེ་རིང་། དངོས་གྲུབ་བཅས་ཀྱིས་རང་གི་ཉམས་མྱོང་དང་ཡོན་ཚད་ཀྱི་ཐོག་ནས་སློབ་མ་དང་ལྷ་རིས་པ་དག་ལ་ཐང་ག་འབྲི་བའི་ལག་རྩལ་དང་ལག་ལེན་ཐད་ལ་འཆད་ཁྲིན་གལ་ཆེན་གནང་།